Skip to content
Lyric
Dive
Public playlists
My playlists
Search
Sign in
Khamshey (Kham Region Song)
Lobsang Delek
Popularity · Low
+
🇨🇳 Tibetan · Original
0
0
Listen
YouTube
1
2
3
0:00 / 0:00
Loading YouTube player...
Lyrics offset
Synced
Lyrics
Original
Translation
Bilingual
ཕུ་ཡར་ན་ ནང་ལ་ཆང་གསོལ་ཡོ།
ཕུ་ཡར་ན་ ཆང་ལ་ཞིམ་པོ་ལོ།
སངས་རྒྱས་བསྟན་པ་དར་བའི་གསོལ་བ་འདེབས།
གཡང་ལ་ཞེས་པའི་
འགྲོ་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་འདེབས།
དགའ་བྱུང་ལགས་དང་
སྐྱིད་བྱུང་ལགས་དང་
ཨེ་མ་ཧོ།
གཡང་ལ་ཞེས་པའི་
ཆོས་ཀྱི་འཁོར་ལོ་སྐོར་བའི་རྟེན་འབྲེལ་ལོ།
རིགས་བཟང་ཡ་ལ རིགས་བཟང་།
སྤང་ལ་མེ་ཏོག་བཞད་བྱུང་ལོ།
དགའ་སྐྱིད་འཛོམ་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ རིགས་བཟང་།
རིགས་བཟང་ཡ་ལ རིགས་བཟང་།
ལྷ་བྱ་ཁུ་ཡུག་གྲགས་བྱུང་ལོ།
བཀྲ་ལ་ཤིས་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ རིགས་བཟང་།
ཕུ་ཡར་ན་ ནང་ལ་ཆང་གསོལ་ཡོ།
ཕུ་ཡ་ན་ ཆང་ལ་ཞིམ་པོ་ལོ།
ཕྱི་ལ་ན་ཚ་མེད་པའི་གསོལ་བ་འདེབས།
གཡང་ལ་ཞེས་པའི
ནང་ལ་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས།
དགའ་བྱུང་ལགས་དང་
སྐྱིད་བྱུང་ལགས་དང་
ཨེ་མ་ཧོ།
གཡང་ལ་ཞེས་པའི
མི་ལ་བར་ཆད་མེད་པའི་རྟེན་འབྲེལ་ལོ།
རིགས་བཟང་ཡ་ལ རིགས་བཟང་།
ཞིང་ལ་ལོ་ཏོག་རྒྱས་སོང་ལོ།
འབྲུ་སྣ་འཛོམས་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ རིགས་བཟང་།
རིགས་བཟང་ཡ་ལ་ རིགས་བཟང་།
གངས་ལ་སེངྒེ་འགྱིང་སོང་ལོ།
གཡུ་རལ་ངོམ་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ་ རིགས་བཟང་།
རིགས་བཟང་ཡ་ལ་ རིགས་བཟང་།
སྤང་ལ་མེ་ཏོག་བཞད་བྱུང་ལོ།
དགའ་སྐྱིད་འཛོམས་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ རིགས་བཟང་།
རིགས་བཟང་ཡ་ལ རིགས་བཟང་།
ལྷ་བྱ་ཁུ་ཡུག་གྲགས་བྱུང་ལོ།
བཀྲ་ལ་ཤིས་པའི་རྟེན་འབྲེལ།
རིགས་བཟང་ཡ་ལ རིགས་བཟང་།